藏族舞蹈视频大全群舞གནའ་བོའི་བོད་ཀྱི་སྐྱེས་མའི་བྱུགས་རྫས་ཁྱད་པར་བ་ཞིག远古藏族妇女高原美容护肤方式

གནའ་བོའི་བོད་ཀྱི་སྐྱེས་མའི་བྱུགས་རྫས་ཁྱད་པར་བ་ཞིག
གནའ་བོའི་བོད་ཀྱི་སྐྱེས་མའི་བྱུགས་རྫས་ཁྱད་པར་བ་ཞིག   མཐོ་སྒང་དུ་ཉི་འོད་བཙན་པ་དང་ཙག་དང་སེར་བུ་སོགས་གནམ་གཤིས་ཀྱི་དབང་གིས། གནས་དེའི་སྐྱེས་མ་རྣམས་ཀྱིས་རང་ཉིད་འཚོ་སའི་གནམ་གཤིས་དང་བསྟུན་དེ་གདོང་གི་སྐྱི་པགས་ལ་སྲུང་སྐྱོབ་བྱེད་པའི་བྱུགས་རྫས་བཟོས་ཡོད་པས། གཤམ་ནས་དེ་དག་རེ་རེ་བཞིན་མཚམས་སྦྱོར་བྱའོ།།     ཞོ་འབག་ནི་འཚོ་བའི་ཁྲོད་རྒྱུན་སྤྱོད་བྱེད་བཞིན་པའི་བྱུགས་རྫས་ཤིག་ཡིན་ལ།བོད་རིགས་སྐྱེས་མ་རྣམས་ཀྱིས་བཀོལ་བཞིན་པའི་མཛེས་བཟོའི་བྱུགས་རྫས་ཤིག་ཀྱང་ཡིན།   བོད་སྐད་དུ་དར་ཁུ་སོགས་སུ་འབོད་ཅིང་།དེ་ཡང་དར་ཁུ་སྐོལ་ཏེ་སྲ་ཁུའི་རང་བཞིན་དུ་ཆགས་པ་དང་མདོག་ནག་ཅིང་ཞོ་ཡི་བྲོ་བ་དང་ལྡན།  སྤྱོད་སྟངས་ནི་ཕོར་བའི་ནང་ཉུང་ཙམ་བླུགས་རྗེས་ནང་དུ་ཆུ་ཐིགས་ཁ་ཤས་བླུགས་ཏེ་དཀྲུགས་རྗེས།   གདོང་ལ་བྱུགས་པ་ཡིན་ལ།  དེ་མ་ཐག་བཀྲུ་མི་དགོས་པར་ཡང་དང་བསྐྱར་དུ་གདོང་ལ་བྱུགས་ནས་ཉིན་ཁ་ཤས་ཀྱི་རྗེས་ན་གཙང་མར་བཀྲུས་ན། གདོང་ནི་དཀར་ལ་དམར་མདངས་ཆགས་ཤིང་ནེམ་པ་སོགས་ཁྱད་ཆོས་དང་ལྡན།   护肤品    高原上空气稀薄,紫外线强烈。高原上的女性在没有现代护肤品的情况下创造出了自己的美容护肤品。    酸奶膏是一种常见护肤品,她是藏族女性使用最多的一种美容护肤品。藏语称为塔古或堆加。塔古是用酸奶水熬成的固体酱油状乌膏,色黑味酸,在使用的时候取少许放于小碗内,加几滴水搅拌,面部除眼圈和唇皮之外均匀地涂上。酸奶膏数日不卸,时而再涂几次,渐渐加厚,形成乌膏“面具”。长期上妆不卸的妇女,偶尔一洗脸,这个时候可以看到脸又白又嫩、白里透红,俊俏非凡。酸奶膏的主要功能是防晒护肤。因此藏族妇女,尤其那些农村牧区妇女至今仍喜欢使用它。   རྩྭ་སྨན་ཁུ་བ།  རྩྭ་སྨན་གྱི་ཁུ་བ་ནི་རི་སྐྱེས་རྩྭ་ལས་གྲུབ་པའི་བྱུགས་རྫས་ཤིག་ཡིན་ལ། རྩྭ་དེའི་རིགས་ནི་བོད་ལྗོངས་ཀྱི་ཤར་དང་དབུས་ཁུལ་དུ་སྐྱེས་པའི་རྩྭའི་རིགས་ཤིག་ཡིན་པ་དང་།སྐྱེས་ཚད་ལ་རྨིད་གཅིག་ལྷག་ཡོད་ཅིང་རྩ་བ་ཕྲ་ལ་ལོ་མ་སྟུག  དྲི་ཞིམ་འཐུལ་བའི་རིགས་ཀྱི་རི་སྐྱེས་རྩྭའི་རིགས་དེ་དབྱར་དུས་སྐྱེས་དངོས་ཡོད་ཚད་སྨིན་པའི་དུས་ལ་སྐྱེས་པ་ཡིན་པས།  དུས་དེར་བོད་རིགས་སྐྱེས་མ་རྣམས་ཀྱིས་སླེ་བོ་ཁུར་ནས་རྩྭ་དེ་འཐུ་བར་འགྲོ། རི་སྐྱེས་རྩྭ་དེ་དག་སླ་ངའི་ནང་སྐོལ་ཞིང་།  ལོ་མ་རྣམས་སེར་པོར་གྱུར་དུས་ནང་གི་སྙིགས་རོ་རྣམས་བླངས་ཏེ་ཁུ་བ་ཡང་ནས་བསྐྱར་དུ་སྐོལ་ཏེ་སྲ་ཁུར་ཆགས་རྗེས་གཞི་ནས་གདོང་ལ་བྱུགས་ཆོག  ཕན་ནུས་ནི་སྐྱི་པགས་སྲུང་སྐྱོབ་དང་མིག་རྩ་དམར་པོར་གྱུར་བ།  སྣའི་གཉེན་ཚད་ཀྱི་ནད།  སྐྱི་པགས་ཀྱི་ནད། ད་དུང་གདོང་གི་ནག་ཐིག་སོགས་ལ་ཧ་ཅང་ཕན་པས།  རྒྱ་ཆེའི་བོད་རིགས་སྐྱེས་མ་རྣམས་ཀྱི་སེམས་ཀྱི་ནོར་བུ་ལྟ་བུར་གྱུར་ཡོད།  草药汁    草药汁是用一种叫垦查的野草熬成的护肤膏。垦查是一种产于西藏的东、中部地区的香草,高约一米左右,根细叶茂,有浓郁的香味。每到夏季万物茂盛的时候,藏族妇女们便纷纷背筐上山,将垦查采回家,剁成碎草放入锅中熬煮,直到把绿叶熬成变黄,水呈茶色时,捞渣,将汤水继续熬成浆糊状后,即可使用。垦查涂于面部,不仅防晒护肤,而且对于多血引起的红眼症患者及鼻炎、皮炎和雀斑等具有较高的疗效。确系深受广大妇女,尤其是中老年妇女欢迎的美容护肤佳品。    བྲ་སྐྱག་བྱུགས་རྫས།  བྲ་སྐྱག་བྱུགས་རྫས་ནི་མཐོ་སྒང་གི་རི་མཐོ་ས་དང་རྫ་རིའི་སྟེང་དུ་འཚོ་བཞིན་པའི་བྲ་བའི་རིགས་ཤིག་གི་སྟུག་པ་ལས་གྲུབ་པ་ཡིན་ལ།སྲོག་ཆགས་འདིའི་རིགས་རྒྱུན་དུ་བྲག་སྐྱིབས་སུ་འཚོ་བཞིན་ཡོད་ལ། ཟས་སུ་མེ་ཏོག་སོགས་རི་སྐྱེས་རྩྭ་ལྡུམ་རིགས་ཟ་བཞིན་ཡོད་ཅིང་།  སྟུག་པ་རྒྱུན་དུ་གནས་མལ་དུ་གཏོང་གི་ཡོད་ལ།  དེ་ལྟར་ཉིན་མང་པོར་བསགས་པའི་སྟུག་པ་སྨན་རྫས་སུ་བཀོལ་ན་མིའི་ལུས་སྟེང་གི་ནད་རིགས་མང་པོ་འཇོམས་ཐུབ་པར་བརྗོད།  བོད་རིགས་སྐྱེས་མ་རྣམས་ཀྱིས་རྗ་བྲའི་སྟུག་པ་དེ་བཏུས་ནས་སྐོལ་ཅིང་གདོང་ལ་བྱུགས་པས།  གདོང་ཉི་མས་མི་འཚིག་པ་དང་ནད་རིགས་བཅོས་ཐུབ་པ་ལས་གཞན་གདོང་ནི་ནེམ་ཤིང་དཀར་ལ་དམར་མདངས་ཆགས་པས།  དེ་ནི་མཐོ་སྒང་སྐྱེས་མ་རྣམས་ཀྱི་གདོང་ལ་དུས་ནམ་ཡང་ལང་ཚོའི་གཞོན་ཉམས་མི་ཡལ་བའི་བྱུགས་རྫས་མཆོག་གྱུར་ཞིག་ཡིན།  岩鼠粪     岩鼠粪膏是用终年生活在高山岩石中的长灵鼠粪熬成的药用美容膏。长灵鼠藏语叫杂布热,是一种独居生活的小动物。这种动物常年栖息于岩窝之中,以花草之类高山植物为食物,将其屎集中排泄在一个固定的岩缝中,天长日久,累积成堆。此物可入药,对人体面部的各种疾病均有较高的疗效。故藏族妇女常常攀山登崖,寻找鼠粪,采来几窝,回家即刻熬成药膏涂面,不但防晒治病,还能达到较好的美容护肤效果。是一种帮助高原妇女永葆青春的良药。在脸上贴胶布的方法主要不是为了美丽,而是为了遮脸上日益增多的老年斑。用胶布遮住老年斑,在几天之后可以使老年斑淡下来。   མཐོ་སྒང་དུ་འཚོ་བཞིན་པའི་བོད་རིགས་སྐྱེས་མ་རྣམས་ལའང་ལྷན་སྐྱེས་ཀྱི་མཛེས་དཔྱོད་ལྟ་བ་ཁྱད་པར་བ་ཞིག་ཡོད་ཅིང་།  མཐོ་སྒང་དུ་ཙག་དང་ལྷགས་པ།  ཉི་འོད་སོགས་རང་བྱུང་གི་གནམ་གཤིས་ཀྱིས་ཁོ་ཚོའི་ལང་ཚོའི་གཟི་ཉམས་ལ་གཙེས་བཞིན་ཡོད་ནའང་།  བོད་རིགས་སྐྱེས་མ་རྣམས་ཀྱིས་འདི་ལྟར་རང་བྱུང་གི་ཁོར་ཡུག་དང་འཚམ་ལ་བདེ་ཐང་ལ་མི་གནོད་པའི་བྱུགས་རྫས་ཤིག་བློ་གྲོས་ཀྱི་རྩལ་ལས་བཟོས་ཏེ།  མཛེས་པ་ཁྱད་དུ་འཕགས་པའི་རང་ཉིད་ཀྱི་ལང་ཚོ་ཉམས་མེད་དུ་བཀག་ཡོད། 高原护肤品    生活在世界屋脊上的藏族妇,天生就有一种强烈的爱美之心。可是,高原刺骨的寒气、弥漫的风沙等大自然合力摧打着她们那鲜花般娇嫩的面容,往往使她们未老先衰。即使是这样,她们也在这恶劣的生活环境中就地取材,制作和使用独具特色的美容护肤品来留住她们的青春。རྩོམ་སྒྲིག་པ།   ཕུར་བུ་བསོད་ནམས།རྩོམ་ཁུངས།   སེམས་ཀྱི་ཞིང་ཁམས།ཁ་འབབ་ཀྱི་ཟེགས་མ་ཞེས་པའི་འཕྲིན་སྟེགས་འདི་ནི་བོད་ལྗོངས་མངའ་རིས་ས་ཁུལ་མཉམ་འབྲེལ་དྲ་རྒྱའི་གཞུང་དོན་ཁང་དང་མངའ་རིས་ཚགས་པར་ལས་ཁུངས་ཀྱིས་ཆེད་མངགས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁ་ཕྱོགས་པའི་བོད་སྐད་ཡིག་གི་ཐོག་ནས་སྤེལ་བའི་འཕྲིན་ཕྲན་སྟེགས་བུ་ཞིག་ཡིན། འཕྲིན་ཕྲན་སྟེགས་བུ་འདིའི་ནང་དོན་གཙོ་བོ་ནི་ཏང་གི་སྔོན་ཐོན་རིག་གཞུང་ཁྱབ་བསྒྲགས་དང་དམངས་ཕན་སྲིད་ཇུས་བརྒྱུད་བསྒྲགས།ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིི་གལ་ཆེའི་ཐབས་ཇུས་བཀོད་སྒྲིགདེ་བཞིན་ཉེ་འགྲམ་གྱི་སྔོན་ཐོན་དཔེ་མཚོན་སོགས་དུས་ཐོག་གི་ཆར་པ་ལྟར་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་མཁོ་འདོན་བྱ་རྒྱུ་ཡིན་པས་དོ་འཁུར་མང་ཙམ་དང་སྦྲགས་དྲང་ནུས་ལྡན་པའི་གསར་འགྱུར་དང་།པར་རིས།བརྙན་ཐུང་།སོགས་མཁོ་འདོན་ཡོད་པ་ཞུ།འདི་གའི་ཡིག་སྒམ jinriali2017@163.comཡིན།རྩ་གཉིས་ཨང་རྟགས་བཤེར་ནས་དོ་འཁུར་གནང་རོགས།

本文来自投稿,不代表长河网立场,转载请注明出处: http://www.changhe99.com/a/Jb60A3Wrl7.html

(0)

相关推荐